༈ གཅོད་ཡུལ་མཁའ་འགྲོའི་གད་རྒྱངས༔ 断法空行微笑!(双语)
格桑慈悲洲
༈ གཅོད་ཡུལ་བརྒྱུད་འདེབས།།
断法传承上师祈请文
རྒྱལ་བ་ཀུན་འདུས་རྗེ་བཙུན་བླ་མ་མཁྱེན་ནོ། །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས་ཤིག །ལན་གསུམ།
佛集至尊上师知 加持永拔轮回苦 (三遍)
སྐུ་གསུམ་བཀའ་བརྒྱད་ཀྱི་ངོ་བོ། །ཡོངས་འདུས་ཡིད་བཞིན་གྱི་ནོར་བུ།།
三身八大法行体 总集如意大宝尊
རྩ་བའི་བླ་མ་དེ་མཁྱེན་ནོ། །མཆོག་ཐུན་དངོས་གྲུབ་ཀུན་སྩོལ་ཅིག།
我等根本上师知 胜共成就悉赐予
སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། །མཁྱེན་བརྩེ་ནུས་པའི་བདག་ཉིད། །དྲིན་ཅན་མཚོ་སྐྱེས་རྡོ་རྗེ།།
诸皈处总集 智悲力本体 大恩海生尊
སྙིང་ནས་གསོལ་བ་འདེབས་སོ། །རྟག་ཏུ་དབྱེར་མེད་ཐུགས་རྗེས། །བདག་བརྒྱུད་བྱིན་གྱིས་རློབས་ཤིག །ལན་གསུམ།
恳切而祈请 以恒无虚悲 赐我续加持 (三遍)
ཨོ་རྒྱན་པད་འབྱུང་བཱི་མའི་སྒྱུ་འཕྲུལ་གར། །ཟབ་གསང་བསྟན་པ་གཞིར་བཞེངས་སློང་མཛད་རྗེ།།
邬金莲师布玛幻化舞 深密教派再弘事业王
ཌཱཀྐིའི་གསང་མཛོད་ཆེན་པོར་དབང་བསྒྱུར་བའི། །གཏེར་ཆེན་འཇའ་ལུས་རྡོ་རྗེར་གསོལ་བ་འདེབས།།
空行大秘密藏自在之 虹身金刚伏藏师祈请
མཁའ་སྤྱོད་བདེ་ལྡན་ཞིང་ན་ཝཱ་ར་ཧི། །རྔ་ཡབ་གླིང་དུ་མེ་ཏོག་མནྡཱ་ར།།
具乐空行刹中瓦拉赫 妙拂洲中鲜花曼达拉
སླར་ཡང་བསྟན་འགྲོའི་དོན་དུ་མིར་བརྫུས་བྱོན། །ཡི་དམ་གྲུབ་བརྙེས་དངོས་གྲུབ་རྣམ་གཉིས་ཐོབ།།
于此为教有情化为人 成就本尊获得二悉地
ཡུམ་ཆེན་ཌཱཀྐིའི་མཆོག་ལ་གསོལ་བ་འདེབས། །བློས་བྱས་འདིར་སྣང་ཆོས་ཀུན་སྒྱུ་མའི་ངང་།།
殊胜空行佛母而祈请 心造显相万法幻化界
རྨི་ལམ་ཚུལ་གཟིགས་རེ་དང་དོགས་པ་བྲལ། །ང་ཁྱོད་ཕྱོགས་རིས་ཀུན་བྲལ་འགྲོ་བའི་མགོན།།
正见犹如梦幻离希虑 远离吾汝偏见众生怙
སྐྱབས་མཆོག་བདེ་ཆེན་འོད་ཟར་གསོལ་བ་འདེབས། །བརྒྱུད་གསུམ་བྱིན་ཐོབ་དགོངས་བའི་རྩལ་ཆེན་རྫོགས།།
大乐光耀胜皈处祈请 得三传师加持证力圆
སྣང་བཞི་མཐར་ཕྱིན་ཆོས་སྐུའི་རྒྱལ་སྲིད་བརྙེས། །གདོད་མའི་མགོན་པོ་མི་ཡི་བརྫུར་ཞུགས་པ།།
四相圆满法身国政获 原始怙主变现人身相
འཇིགས་མེད་ཡོན་ཏན་མགོན་པོར་གསོལ་བ་འདེབས། ། གསང་ཆེན་བཀའ་བབས་སྔ་འགྱུར་བསྟན་པའི་བདག།
晋美拥丹贡布而祈请 通达深密前译教主尊
ངུར་སྨྲིག་གར་གྱི་རོལ་བར་ཉེར་བསྒྱུར་པ། །རིགས་ཀུན་འདུས་ཞལ་ཁྱབ་བདག་འགྲོ་བའི་མགོན།།
显现僧伽形相游舞者 部主总集遍主众生怙
པདྨ་སྐལ་བཟང་ཞབས་ལ་གསོལ་བ་འདེབས། །དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས།།
白玛格桑足下而祈请 深密证续迁转赐加持
ཧྲཱིཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད།།
舍 密严法界宫殿中 三世诸佛之本性
རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས།།
自心直指法身者 根本上师诸祈请
ཨེ་མ་ཧོ།
诶玛吙
སངས་རྒྱས་ཀུན་འདུས་བླ་མ་ཆོས་ཀྱི་སྐུ། །མ་གཅིག་ཡུམ་ཆེན་དབྱེར་མེད་བཀའ་དྲིན་ཅན།།
诸佛总集上师法身尊 般若佛母无二恩德具
སྙིང་ནས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །མ་རིག་མུན་པ་སེལ་བར་བྱིན་གྱིས་རློབས།།
挚诚恳切猛厉而祈请 遣除无明黑暗赐加持
འཁྲུལ་སྣང་སྙེམས་བྱེད་བདུད་བཞི་ལས་རྒྱལ་ཞིང་། །སྐྱེ་མེད་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས།།
迷显令傲四魔中胜利 证悟无生法身赐加持
༂ ཀློང་ཆེན་སྙིང་གི་ཐིག་ལེ་ལས༔གཅོད་ཡུལ་མཁའ་འགྲོའི་གད་རྒྱངས༔
龙钦宁提断境空行母之傲笑
དབྱིངས་ཕྱུག་བདེ་ཆེན་མཚོ་རྒྱལ་མ་ལ་ཕྱག་འཚལ་ལོ༔
顶礼法界自在大乐措嘉母!
རང་བཞིན་རྫོགས་པ་ཆེན་པོ་ནི༔ ཉག་གཅིག་རྩད་ནས་གཅོད་པའི་ཕྱིར༔
自性大圆满乃是 为了探究真实相
གཅད་བྱ་གཅོད་བྱེད་ལས་འདས་ཀྱང༔ སྤྲོས་པ་ཅན་གྱི་གང་ཟག་དང་༔
虽已超越能所断 然具戏论之士夫
བརྟུལ་ཞུགས་སྤྱོད་པ་ལམ་སློང་ཕྱིར༔ ཕུང་པོ་གཟན་བསྐྱུར་མན་ངག་བསྟན༔
为将禁行转为道 蕴体作食窍诀宣
དེ་ལ་མཁོ་བའི་ཡོ་བྱད་ནི༔ དྲེགས་པ་ཟིལ་གྱིས་གནོན་པའི་ཕྱིར༔
于此所需法器是 为了制伏具傲者
སྡེར་གཞི་མ་ཉམས་གཅན་གཟན་ལྤགས༔ ལྟ་བ་ཡས་འབུབས་ཅོག་པུ་དང་༔
四爪圆满猛兽皮 见解顶撑小帐篷
སྤྱོད་པ་མས་འཛེགས་ཁ་ཊཱཾ་ཀ༔ ལྷ་འདྲེ་དབང་སྡུད་མཆོག་ཆེན་རྐང་༔
行由下上卡杖嘎 制服神鬼大胜号
སྣང་བ་ཟིལ་གནོན་ཌཱ་མ་རུ༔ མ་ཚོགས་དབང་སྒྱུར་དྲིལ་གཡེར་དང་༔
镇压显相之鼗鼓 自在母众之小铃
སྟག་གཟིག་རས་མ་སྐྲའི་ཅོད་པན༔ མདོར་ན་བརྟུལ་ཞུགས་སྤྱོད་པ་ལ༔
虎豹条带与发辫 总之行持禁行时
འོས་པའི་ཆས་རྣམས་སྟ་གོན་བྱ༔ དེ་ནས་ས་གནད་གཉན་དམིགས་སུ༔
所需之物应准备 要地凶恶之处所
ཕོ་ཚོད་ལྷ་འདྲེར་བརྙས་སེམས་དང་༔ ཆོས་བརྒྱད་བསམ་པས་མ་ཡིན་པར༔
神鬼众无藐视心 亦非八法意乐也
ཚད་མེད་བཞི་ཡིས་དཔའ་གདེང་བསྐྱེད༔ སྣང་བ་གང་ཤར་ཐོག་བརྫིས་བྱ༔
四无量心奋勇发 所升显现勿耽著
དེ་ཚེ་ཟིལ་གནོན་དམིགས་པ་ཡིས༔ མ་གཅུན་དགྲ་ལ་བྱ་ཤོར་མཚུངས༔
此时运观来镇伏 心散对敌泄密同
དེ་ཕྱིར་རིག་པ་བརྟུལ་ཞུགས་དང་༔ ཕཊཿཅེས་རང་གི་སྙིང་ག་ནས༔
所以本明禁行及 念呸由己之心间
གནམ་ལྕགས་རྡོ་རྗེ་རྩེ་དགུ་པ༔ སྲ་བརྟན་ལྕི་ཞིང་འཐས་པ་ལ༔
天铁九股金刚杵 坚硬密实而沉重
འོད་ཟེར་མེ་དཔུང་འབར་བ་ཞིག༔ གང་དམིགས་གཉན་སར་ཐོག་ལྟར་ཕོབ༔
光芒燃起熊熊火 所缘凶方如雷霹
དེར་གནས་ལྷ་འདྲེ་དཔུང་དང་བཅས༔ འབྲོས་ཤིང་འཁྱར་བའི་དབང་མེད་པར༔
此处神鬼翊佐等 奔跑分散无自由
དཔའ་ཟིལ་ཆག་སྟེ་གནས་པར་བསམ༔ དེ་ནས་ཚུལ་འཆོས་ངོ་ཚ་སོགས༔
异常惊怵具足观 而后佯装羞涩等
ཐ་མལ་འཁུ་འཕྲིག་བློ་སྤངས་ལ༔ བརྟུལ་ཞུགས་ངར་མའི་གདེང་ལྡན་པས༔
平庸怀疑心断除 猛厉禁行勇气来
འགྲོ་ལུགས་རྣམ་པ་བཞི་དག་ལས༔ ལྟ་བའི་གདེང་འགྲོས་ཤུགས་ཀྱིས་འགྲོ༔
具有四种行法中 见解把握之力行
དེ་ཡང་སྣང་སྲིད་ལྷ་འདྲེ་དང་༔ གནས་གདོན་ལམ་འདྲེ་འཁྱམ་པོ་ཀུན༔
复次现有神鬼及 住处流浪鬼悉皆
བཀུག་ལ་ར་ལུག་བདས་པ་བཞིན༔ གཉན་སར་རང་དབང་མེད་པར་གཅུར༔
驱逐羊群般召回 囚于凶处无自由
གནས་དེར་སླེབས་མ་ཐག་ཉིད་དུ༔ དྲག་ཤུལ་འབར་བའི་སྟངས་སྟབས་ཀྱིས༔
此处到达后即刻 极凶姿态来走行
ལྷ་འདྲེ་ཀུན་གྱི་རྐང་པ་ནས༔ བཟུང་སྟེ་ཀླད་ལ་ལན་གསུམ་བསྐོར༔
抓起所有神鬼足 头顶之上摇三次
དབང་ཆེན་གཞི་ལ་བརྡབས་པར་བསམ༔ ཅོག་པུ་སྟན་བཅས་ཤུགས་ཀྱིས་བསྐྱུར༔
摔于大自在地观 帐篷坐垫尽力抛
ལྷ་འདྲེ་ཇི་ལྟར་དབྱིངས་ཆེ་ཡང་༔ མི་ལྷོངས་མི་སྲིད་ཟི་ཁོལ་འགྲོ༔
神鬼如何厉害亦 彼等定睬且嘈杂
རྣལ་འབྱོར་བརྟུལ་ཞུགས་ཆུང་གྱུར་ན༔ རིམ་པས་བློ་དང་སྦྱར་ཏེ་བྱ༔
若瑜伽士禁行弱 相应根基来行持
ཕཊ༔ ཕཊ༔ ཕཊ༔ དེ་ནས་རང་ཉིད་སྐད་ཅིག་གིས༔ གསང་བ་ཡེ་ཤེས་མཁའ་འགྲོ་མ༔
呸 呸 呸 此时自身刹那顷 秘密智慧空行母
ཆེ་ཆུང་སྲིད་པའི་གཏོས་དང་མཉམ༔ རྣམ་འགྱུར་རྫོགས་པའི་སྐུར་བསྐྱེད་ལ༔
体积等同三界量 姿态圆满身生起
མི་རྐང་གླིང་བུ་དྲག་ཏུ་འབུད༔ ལྟ་བའི་ངར་བསྐྱེད་བྲོ་བརྡུང་བྱ༔
勇猛吹奏胫骨号 见力发出跳跃舞
ཕཊ༔
呸
འཇིགས་མེད་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ངས༔ འཁོར་འདས་མཉམ་པར་བརྡལ་བའི་དགོངས་སྤྱོད་ཀྱིས༔
行持无畏禁行瑜伽我 以铺轮涅平等证悟行
བདག་འཛིན་ལྷ་འདྲེའི་སྟེང་དུ་བྲོ་ཞིག་རྡུང་༔ གཉིས་འཛིན་འཁོར་བའི་རྣམ་རྟོག་རྡུལ་དུ་རློག༔
我执神鬼之上跳跃舞 摧毁二执轮回分别念
རྩ་བརྒྱུད་རིག་འཛིན་བླ་མ་བྲོ་ལ་བྱོན༔ ཡི་དམ་དཔའ་བོ་རྒྱ་མཚོ་བྲོ་ལ་བྱོན༔
根传持明上师请起舞 本尊勇士海会请起舞
མཁའ་འགྲོ་གནས་ཉུལ་མ་ཚོགས་བྲོ་ལ་བྱོན༔ བརྟུལ་ཞུགས་ལམ་དུ་ལོངས་པར་བྱིན་གྱིས་རློབས༔
空行寻刹母众请起舞 加持禁行转化成道用
ཕཊ༔
呸
ཤར་ཕྱོགས་ལུས་འཕགས་གླིང་དུ་བརྡུངས་ཙ་ན༔ དཔའ་བོ་མཁའ་འགྲོའི་བྲོ་ར་ཟླུམ་ལ་འཁྱིལ༔
东方胜神洲中起舞时 勇士空行舞场旋圆形
ཞེ་སྡང་རྒྱལ་པོའི་མགོ་ལ་ཆེམས་སེ་ཆེམ༔ མེ་ལོང་ཡེ་ཤེས་གླིང་བུ་ཀྱུ་རུ་རུ༔ ཧཱུྃ་ཧཱུྃ་ཧཱུྃ༔
嗔恚男鬼头上摇晃晃 大圆镜智号音声悠扬 吽吽吽
ཕཊ༔
呸
ལྷོ་ཡི་འཛམ་བུའི་གླིང་ལ་བརྡུངས་ཙ་ན༔ དཔའ་བོ་མཁའ་འགྲོའི་བྲོ་ར་ཟུར་གསུམ་དབལ༔
南方瞻部洲中起舞时 勇士空行舞场三角形
ང་རྒྱལ་གཤིན་རྗེའི་མགོ་ལ་ཆེམས་སེ་ཆེམ༔ མཉམ་ཉིད་ཡེ་ཤེས་ཐོད་རྔ་ཁྲོ་ལོ་ལོ༔ ཧཱུྃ་ཧཱུྃ་ཧཱུྃ༔
憍慢阎罗头上摇晃晃 平等性智颅鼓哗啦啦 吽吽吽
ཕཊ༔
呸
ནུབ་ཀྱི་བ་ལང་སྤྱོད་ལ་བརྡུངས་ཙ་ན༔ དཔའ་བོ་མཁའ་འགྲོའི་བྲོ་ར་ཟླ་གམ་འཁྱིལ༔
西方牛贺洲中起舞时 勇士空行舞场半圆形
འདོད་ཆགས་སྲིན་མོའི་མགོ་ལ་ཆེམས་སེ་ཆེམ༔ སོར་རྟོག་ཡེ་ཤེས་དྲིལ་གཡེར་ཁྲོ་ལོ་ལོ༔ ཧཱུྃ་ཧཱུྃ་ཧཱུྃ༔
贪女罗刹头上摇晃晃 妙观察智铃铎响叮当 吽吽吽
ཕཊ༔
呸
བྱང་གི་སྒྲ་མི་སྙན་ལ་བརྡུངས་ཙ་ན༔ དཔའ་བོ་མཁའ་འགྲོའི་བྲོ་ར་གྲུ་བཞི་ལམ༔
北方俱卢洲中起舞时 勇士空行舞场四方形
ཕྲག་དོག་དམ་སྲིའི་མགོ་ལ་ཆེམས་སེ་ཆེམ༔ བྱ་གྲུབ་ཡེ་ཤེས་ཅོད་པན་པུ་རུ་རུ༔ ཧཱུྃ་ཧཱུྃ་ཧཱུྃ༔
嫉妒鬼魅头上摇晃晃 成所作智鼓幡飘拂然 吽吽吽
ཕཊ༔
呸
དབུས་ཕྱོགས་ལྷུན་པོའི་རྩེ་རུ་བརྡུངས་ཙ་ན༔ དཔའ་བོ་མཁའ་འགྲོའི་བྲོ་ར་བྱིན་རེ་ཆགས༔
中央须弥之顶起舞时 勇士空行舞场甚庄严
གཏི་མུག་ཤི་འདྲེའི་མགོ་ལ་ཆེམས་སེ་ཆེམ༔ ཆོས་དབྱིངས་ཡེ་ཤེས་ཧཱུཾ་གླུ་ཀྱུ་རུ་རུ༔ ཧཱུྃ་ཧཱུྃ་ཧཱུྃ༔
愚痴死鬼头上摇晃晃 法界智慧吽歌声悠扬 吽吽吽
ཅེས་བརྡུང་ཤེས་པ་གཏད་མེད་བཏང་༔ དེ་ནས་ཅོག་པུ་འབུབས་པ་ནི༔
如是跳舞识无依 尔后撑起小帐篷
གཞི་དེའི་ལྷ་འདྲེ་གདུག་པ་ཅན༔ གན་རྐྱལ་བསྒྱེལ་བའི་ཡན་ལག་ལྔར༔
此时神鬼残暴者 摔倒仰卧五肢除
གནམ་ལྕགས་ཕུར་བུ་བཏབ་པར་བསམ༔
天铁金刚橛刺想
ཕཊ༔ ཕཊ༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མས༔ བྱམས་པ་ཆེན་པོའི་ཕུར་པ་ཁྱེར༔
呸 呸 东方金刚空行母 持大慈心金刚橛
ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མས༔ སྙིང་རྗེ་ཆེན་པོའི་ཕུར་པ་ཁྱེར༔
南方宝生空行母 持大悲心金刚橛
ནུབ་ཕྱོགས་པདྨ་མཁའ་འགྲོ་མས༔ དགའ་བ་ཆེན་པོའི་ཕུར་པ་ཁྱེར༔
西方莲花空行母 持大喜心金刚橛
བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མས༔ བཏང་སྙོམས་ཆེན་པོའི་ཕུར་པ་ཁྱེར༔
北方事业空行母 持大舍心金刚橛
དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མས༔ བྱང་ཆུབ་སེམས་ཀྱི་ཕུར་པ་ཁྱེར༔
中央佛部空行母 持菩提心金刚橛
བདག་འཛིན་ལྷ་འདྲེའི་མགོ་བོ་དང་༔ ལྷུ་ཚིགས་བཞི་ལ་བཏབ་པ་ཡིས༔
我执鬼神头部及 四骨节上橛钉故
གཡོ་འགུལ་མེད་པར་གནས་པར་གྱུར༔
成为无法摇摆动 (后一句重复)
ཅེས་བརྗོད་བདག་གཞན་ལྷ་འདྲེ་གསུམ༔ གང་དུ་མི་དམིགས་མཉམ་པར་གཞག༔
念已自他神鬼三 何也不思平等住
དེ་ནས་ལྷ་འདྲེ་ངོས་ཟིན་ནས༔ ལུས་སྦྱིན་དངོས་ལ་འཇུག་པ་ནི༔
而后认识神鬼后 进行施身正行为
ཕཊ༔ ཕཊ༔ རང་སྣང་འོད་གསལ་བདེ་བ་ཆེན་པོའི་དབྱིངས༔ འབད་རྩོལ་སྤྲོས་པ་བྲལ་བའི་ནམ་མཁའ་ལ༔
呸 呸 自现光明大乐之法界 远离造作戏论空界中
རྩ་བའི་བླ་མ་དྲུག་པ་རྡོ་རྗེ་འཆང་༔ དགོངས་བརྡ་སྙན་བརྒྱུད་བླ་མ་ཡི་དམ་ལྷ༔
根本上师第六金刚持 意表耳传上师本尊及
མཁའ་འགྲོ་ཆོས་སྐྱོང་སྲུང་མ་སྤྲིན་ལྟར་གཏིབས༔ མ་འགགས་འཇའ་ཚོན་ཐིག་ལེའི་ཀློང་དུ་གསལ༔
空行护法护者如云集 不灭彩虹明点界中显
ཞེས་པས་ཚོགས་ཞིང་གསལ་བཏབ་ལ༔ ལྷ་འདྲེས་གཙོ་བྱས་སེམས་ཅན་ཀུན༔ ཁྱེད་ཤེས་བློ་ཡིས་སྐྱབས་འགྲོར་དམིགས༔
如是明观资粮田 神鬼主从众有情 唯一依汝观皈依
ཕཊ༔ རང་བྱུང་གི་རིག་པ་བཅོས་མེད་འདི༔ སྐྱབས་ཡུལ་གྱི་ངོ་བོར་མ་རིག་པས༔
呸 自然智 本觉无造作 未晓悟 皈依自性故
སྡུག་བསྔལ་གྱི་རྒྱ་མཚོར་བྱིངས་པ་རྣམས༔ སྐུ་གསུམ་གྱི་དགོངས་པས་བསྐྱབ་ཏུ་གསོལ༔
ལན་གསུམ།
痛苦之 大海沉沦中 祈请以 三身密意救
三篇
སེམས་བསྐྱེད་ནི༔
发心:
ཕཊ༔ སྣང་བ་ལ་དངོས་པོར་འཛིན་པའི་སེམས༔ བརྟུལ་ཞུགས་ཀྱི་སྤྱོད་པས་ཚར་བཅད་ནས༔
呸 于显现 执为实有心 以禁行 行为降伏已
ཡང་དག་གི་གནས་ལུགས་རྟོགས་བྱའི་ཕྱིར༔ རེ་དོགས་དང་བྲལ་བར་སེམས་བསྐྱེད་དོ༔
为证悟 真实之实相 离希冀 疑虑而发心
དེ་ནས་མཎྜལ་ནི༔ ཁོག་པ་རི་རབ༔ ཡན་ལག་གླིང་བཞི༔ ཉིང་ལག་གླིང་ཕྲན༔ མགོ་བོ་ལྷ་གནས༔ མིག་གཉིས་ཉི་ཟླ༔ དོན་སྣོད་ལྷ་མིའི་དཔལ་འབྱོར་དུ་བསམ་པ་ལ༔
尔后曼扎是:观自身为须弥山,四肢为四大洲,分支为小洲,头为天界,双目为日月,脏腑为人天资具想。
ཕཊ༔ གཅེས་འཛིན་གྱི་ཕུང་པོ་སྒྱུ་མའི་ལུས༔ མཎྜལ་གྱི་ཚོམ་བུར་རབ་བཀོད་ནས༔
呸 珍爱之 蕴体幻化身 曼荼罗 堆积庄严已
ཚོགས་ཞིང་གི་ལྷ་ལ་ལྟོས་མེད་འབུལ༔ བདག་འཛིན་གྱི་རྩ་བ་ཆོད་པར་ཤོག༔ ཕཊ༔
资粮境 尊前无执供 希愿能 断除我执根
དེ་ནས་བླ་མའི་རྣལ་འབྱོར་ནི།
尔后上师瑜伽为
ཕཊ༔ ཕཊ༔ དབྱིངས་ཟག་མེད་ཆོས་སྐུའི་ནམ་མཁའ་ལ༔ མདངས་འཇའ་ཟེར་ཐིག་ལེར་འཁྲུགས་པའི་དབུས༔
呸 呸 界 无漏法身虚空中 光 彩虹明点交织处
ཕ་དུས་གསུམ་ཀུན་མཁྱེན་པདྨ་འབྱུང་༔ ཚུལ་བརྟུལ་ཞུགས་སྤྱོད་པའི་ཧེ་རུ་ཀ༔
父 遍智三世莲花生 姿 行持禁行嘿热嘎
མ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས༔ སྐུ་མཚན་དཔེའི་གཟི་བྱིན་ཏ་ལ་ལ༔
母 空行海会皆聚集 身 相好庄严显明然
གསུང་གང་འདུལ་ཆོས་སྒྲ་འུ་རུ་རུ༔ ཐུགས་འོད་གསལ་རྡོ་རྗེ་སྙིང་པོའི་ངང་༔
语 调伏法音妙言声 意 光明金刚究竟界
བུ་མོས་གུས་དྲག་པོས་གསོལ་བ་འདེབས༔ ཕྱི་རྣམ་རྟོག་དགྲར་ལངས་ལྷ་འདྲེའི་གཟུགས༔
子 恭敬猛厉而祈祷 外 妄念化敌神鬼相
ནང་རེ་དང་དོགས་པའི་གཉིས་འཛིན་སེམས༔ བར་སྣང་བ་སྣ་ཚོགས་རྐྱེན་ངན་ཀུན༔
内 希虑二取持于心 中 所现种种违缘皆
ཆོས་ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱིས༔ དུས་ད་ལྟ་སྟན་ཐོག་འདི་རུ་ཆོད༔
以 甚深堪除魔之法 时 此刻于此垫上断
དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པ་རུ༔ ཕ་རྗེ་བཙུན་བླ་མས་བྱིན་གྱིས་རློབས༔
界 获得法身之果位 父 至尊上师赐加持
ཅེས་བརྗོད་ཚོགས་ཞིང་རང་ལ་བསྟིམ༔ གཉིས་མེད་ངང་དུ་མཉམ་པར་གཞག༔
念已对境融自身 无二无别中安住
ཕཊ༔ཕཊ༔ཕཊ༔
呸 呸 呸
ཕཊ༔ དེ་ནས་བག་ཆགས་སྙིགས་མའི་ལུས༔ ཚོ་ཞིང་སྣུམ་ལ་ལྟོས་ཆེ་བའི༔
呸 尔时习气污浊身 肥而油润体积大
དབུས་ནས་དྭངས་མའི་རིག་པ་ནི༔ ཁྲོས་མའི་རྣམ་པར་ཕཊ་ཅེས་དབྱེ༔
身中精华本觉为 忿怒母相以呸辨
ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན༔ དེ་ཡིས་རང་ལུས་ཐོད་པ་ཕྲལ༔
一面二臂执刀颅 将其自身头颅劈
སྟོང་ཁམས་ཁྱབ་པའི་མི་མགོ་ཡི༔ སྒྱེད་པུ་གསུམ་གྱི་ཁར་བཞག་ནང་༔
遍满空界人头颅 三灶架上安置中
འབྱུང་ལུས་ཚོགས་སུ་བཤམས་པ་དེ༔ འབྲུ་གསུམ་འོད་ཀྱིས་བདུད་རྩིར་སྦར༔
四大身供陈设此 以三字光甘露沸
ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧྲཱིཿ
嗡啊吽与哈吙舍
ཅི་མང་བརྗོད་པས་སྦྱང་སྤེལ་བསྒྱུར༔ ཁྲ་བོར་འགྱེད་ན་དེ་ཉིད་ལས༔ སྐྱེད་ཚལ་ཟས་གོས་སྨན་ལ་སོགས༔
尽力念故净增变 若作花施于其中 园林衣食及药等
ཡིད་ལ་ཅི་འདོད་ངོ་བོར་སྦར༔ དམར་འགྱེད་རང་ཉིད་ཁྲོས་ནག་མས༔ སྙིགས་མའི་ལུས་ཀྱི་པགས་པ་བཤུས༔
心欲何变现真实 红施自身黑忿怒 污浊身之皮剥离
སྟོང་གསུམ་ཁྱབ་པར་བཀྲམ་པའི་སྟེང་༔ གཟུགས་ཕུང་ཤ་ཁྲག་ཕུང་པོར་སྤུངས༔ ཤན་པའི་འདུ་ས་ལྟ་བུར་བསམ༔
遍满三界陈设上 蕴体血肉堆叠供 屠夫前面如是想
ནག་འགྱེད་བདག་གཞན་སེམས་ཅན་གྱི༔ ཐོག་མེད་ནས་བསགས་ནད་གདོན་དང་༔ སྡིག་སྒྲིབ་ཐམས་ཅད་ནག་བུན་གྱིས༔
黑施自他有情之 无始所积病魔与 一切罪障黑漆般
བསྡུས་ཏེ་གཟུགས་ཕུང་ལ་བསྟིམས་པ༔ ལྷ་འདྲེས་ཟོས་པས་ཁོ་ཡི་ལུས༔ སོལ་བ་ལྟ་བུར་གྱུར་པར་བསམ༔
摄集令入蕴体中 神鬼食已其身躯 化为黑炭如是观
མཆོད་སྦྱིན་མགྲོན་རྣམས་འདི་ལྟར་འབོད༔
供施诸宾如是唤
ཕཊ༔ ཕཊ༔ མཆོད་ཡུལ་རྩ་གསུམ་དམ་ཅན་ནས༔ སྡེ་བརྒྱད་འབྱུང་པོས་གཙོ་བྱས་པའི༔
呸 呸 供境三根具誓下 八部部多为主之
སྦྱིན་ཡུལ་ལན་ཆགས་འདྲེ་གདོན་ཡན༔ བརྟུལ་ཞུགས་སྤྱོད་པའི་གནས་འདིར་བྱོན༔
施境怨债鬼魅上 禁行行者临此处
དེ་རིང་འཇིགས་མེད་རྣལ་འབྱོར་ངས༔ འཁོར་འདས་ཤན་འབྱེད་སྒྱུ་མའི་ལུས༔
今日无畏瑜伽我 分辨轮涅幻化身
སྟོང་གསུམ་ཁྱོན་ཡངས་ཀ་པཱ་ལར༔ བམ་ཆེན་ཚོགས་ཀྱི་འཁོར་ལོར་བཤམས༔
满三千界巨颅中 陈设巨尸会供轮
ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུར༔ འདོད་དགུར་འཆར་བའི་ཆོ་འཕྲུལ་ཅན༔
化为无漏智甘露 所欲生起之变幻
གཅེས་འཛིན་མེད་པར་འབུལ་ལགས་ཀྱི༔ སྟོན་ཆེན་མགྲོན་ལ་གཤེགས་སུ་གསོལ༔
毫无吝惜作供施 盛宴迎请祈降临
མཆོག་ཆེན་ཐོད་རྔ་སྐད་རེ་གསངས༔ ཞིང་ཆེན་གཡང་གཞི་བརྗིད་རེ་ཆེ༔
大胜颅鼓音高扬 广田人皮甚庄严
མི་རྐང་གླིང་བུ་གདངས་རེ་སྙན༔ དྲིལ་གཡེར་ཅོད་པན་དངས་རེ་སྤྲོ༔
人骨号角声悦耳 鼓幡小铃心怡然
བྱ་རྒོད་ཤ་ལ་འཐིབས་པ་བཞིན༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔
如同鹫鸟肉上降 刹那之顷祈莅临
དེ་ནས་འབུལ་ཞིང་བསྔོ་བ་ནི༔
尔后供已回向为
ཕཊ༔ ཕཊ༔ གདོད་མའི་མགོན་པོ་མན་ཆད་ནས༔ རྩ་བའི་བླ་མ་ཡན་ཆད་ཀྱི༔
呸 呸 原始怙主其以下 根本上师其以上
བརྒྱུད་གསུམ་རིག་འཛིན་བླ་མ་དང་༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔
三传持明上师及 本尊空行护法等
བམ་ཆེན་བདུད་རྩིའི་མཆོད་པ་འབུལ༔ ལྷ་འདྲེས་གཙོ་བྱས་བདག་གཞན་གྱི༔
巨尸甘露作供养 鬼神为主自他之
ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་༔ བརྟུལ་ཞུགས་འགྲོ་དོན་མཐར་ཕྱིན་ནས༔
二资圆满二障净 禁行利他至彼岸
སྣང་བ་འོད་གསལ་སྒྱུ་མར་འབྱོངས༔ ཡ་ང་བག་ཚ་ཆོས་སྐུར་གྲོལ༔
显现光明幻化谙 痛苦畏惧法身融
ཧེ་རུ་ཀ་ལྟར་བྱིན་གྱིས་རློབས༔
如黑热嘎赐加被
ཕཊ༔ ཕཊ༔ འཇིག་རྟེན་འདས་དང་མ་འདས་ཀྱི༔ སྡེ་བརྒྱད་འབྱུང་པོ་མི་མ་ཡིན༔
呸 呸 出世间及未出世 八部部多非人等
ལོག་འདྲེན་ཤ་ཟའི་གདོན་ཚོགས་ལ༔ སྟོང་གསུམ་ཁྱབ་པའི་ཞིང་ལྤགས་སྟེང་༔
邪引啖肉鬼魅众 遍满三千田皮上
ཤ་ཁྲག་རུས་པའི་ཕུང་པོར་འབུལ༔ བདག་ཏུ་འཛིན་ན་ང་རེ་ཞན༔
血肉骨骼堆集供 设若执我我下劣
སྤྱོད་དུ་མ་ནུས་ཁྱོད་རེ་ལོད༔ རིང་ན་རྗེན་པར་ཁྱུར་མིད་ཐོངས༔
如未享用休怪吾 时若匆忙囫囵吞
ལྷོད་ན་དུམ་བུར་ཚོས་ལ་ཟོ༔ རྡུལ་ཕྲན་ཙམ་ཡང་མ་བཞག་ཅིག༔
时若空闲块煮食 勿使剩余微尘许
ཕཊ༔ འཁོར་ཚེ་ཐོག་མ་མེད་པ་ནས༔ ཤ་འཁོན་ཆགས་པའི་ལན་ཆགས་དང་༔
呸 自从无始轮回起 仇恨所造业债及
གློ་བུར་ལྷགས་པའི་སྙིང་རྗེའི་མགྲོན༔ ཁས་ཞན་དབང་ཆུང་མ་ལུས་ལ༔
倏然来临悲悯客 贫弱权小无一余
སོ་སོ་གང་ལ་ཅི་འདོད་ཀྱི༔ འདོད་ཡོན་མི་ཟད་གཏེར་དུ་བསྔོ༔
各自所欲之需求 无尽妙欲宝藏施
འབྲེལ་པ་ཐོགས་ཚད་སངས་རྒྱས་ཤིང་༔ བུ་ལོན་ལན་ཆགས་བྱང་བར་ཤོག༔
一切结缘成佛而 诸业债皆得清净
ཅེས་བརྗོད་ལྟོས་པ་མེད་པར་བྱིན༔ སྟོང་ཉིད་ངང་ལ་མཉམ་པར་གཞག༔
念已无贪作布施 空性境界中安住
དེ་ཚེ་ལུས་ལ་གཅེས་འཛིན་དང་༔ འཇིགས་སྣང་འཁུ་འཕྲིག་བློ་སྐྱེས་ན༔
此刻于身之爱执 畏惧疑惑若生起
ལུས་ནི་ལྷ་འདྲེར་བྱིན་ནས་མེད༔ སེམས་ནི་གཞི་མེད་རྩ་བ་བྲལ༔
身施神鬼已无有 心识无基离于根
འདྲེ་བས་སངས་རྒྱས་ཉིད་ཀྱིས་ཀྱང་༔ གཟིགས་པ་མེད་སྙམ་གདེང་བསྐྱེད་ལ༔
不必言鬼佛临亦 无有所见把握发
གང་ཤར་རང་ངོ་རྩ་གདར་བཅད༔ ཐོགས་བཅས་བདུད་དང་[1]ཐོགས་མེད་བདུད༔[2]
所思皆令本面融 有碍魔与无碍魔
དགའ་བྲོད་བདུད[3]་དང་སྙེམས་བྱེད་བདུད[4]༔ ཕཊཿཅེས་དབྱིངས་སུ་གཅོད་པ་ཡིན༔
欢喜魔与傲慢魔 乃以呸来法界除
དེ་ཡང་དུས་ཚོད་ལ་མཚོན་ན༔ཐོ་རངས་ཚོགས་གཉིས་རྫོགས་པའི་ཕྱིར༔
依照时间来言说 黎明二资圆满故
དཀར་འགྱེད་བདུད་རྩིའི་ངོ་བོར་སྦར༔ཉིན་གུང་ལན་ཆགས་སྦྱང་བའི་ཕྱིར༔
白施则以甘露施 午时为能清业债
ཁྲ་འགྱེད་གང་ལ་འཚམས་པར་བསྔོ༔ ནུབ་མོ་བརྟུལ་ཞུགས་ལམ་ལྷོང་ཕྱིར༔
则以相应之花施 傍晚禁行转为道
བདག་འཛིན་ཚར་གཅོད་དམར་འགྱེད་གཏོང་༔ སྲོད་ལ་སྡིག་སྦྱོང་ནག་འགྱེད་བྱ༔
降伏我执作红施 亥时忏悔作黑施
ཀུན་ཀྱང་འདུན་པ་བསྒྱུར་བ་སྟེ༔ གཙོ་བོ་དམིགས་པས་ཉམས་སུ་བླང་༔
皆是意乐转变观 主要以观来修持
དེ་ཚེ་ཆོ་འཕྲུལ་ཅི་བྱུང་ཡང་༔ ཉམས་དང་བྲལ་བའི་ལྟ་བས་གཅུན༔
此刻无论何神变 远离觉受专注见
གལ་ཏེ་རྣལ་འབྱོར་དབྱིངས་ཆུང་ནས༔ ལྷོངས་འཚུབས་འཆུན་པར་དཀའ་བའམ༔
若瑜伽士力微故 灾害难以相抵御
ལྷ་འདྲེ་དབྱིངས་ཆེས་མ་ལྷོངས་ན༔ ཀེང་རུས་དཀར་པོའི་དམིགས་པ་བྱ༔
抑或神鬼不理睬 需作白骨之观想
ཕཊཿཅེས་རང་ཉིད་སྐད་ཅིག་གིས༔ ཀེང་རུས་དཀར་མོ་མེ་འབར་བ༔
念呸自身刹那间 成为白色之骷髅
ཤིན་ཏུ་ཚ་བ་ལས་བྱུང་བའི༔ མེ་ཡིས་སྟོང་གི་འཇིག་རྟེན་དང་༔
发出极其炽热火 焚烧整个三界及
ཁྱད་པར་ལྷ་འདྲེའི་གནས་རྟེན་བསྲེགས༔ མཐར་ནི་ཀེང་རུས་མེ་དང་བཅས༔
尤焚神鬼处所依 最终骷髅与火皆
འོད་ཡལ་སྟོང་བའི་ངང་ལ་གཞག༔ འགོ་ནད་སྲུང་བ་ལ་ཡང་ཟབ༔
融于空性中安住 预防疫疠亦殊胜
ཚར་ཚད་དུས་སུ་མ་བྱུང་དང་༔ གནོད་འདྲེ་གདུག་པ་ཨར་གཏོད་ན༔
证验届时若未临 凶暴神鬼作厉障
རིག་པ་ཁྲོས་མའི་སྐུར་གསལ་བས༔ སྙིགས་མའི་ལུས་ཀྱི་པགས་པ་བཤུས༔
本明观为愤怒母 剥离污浊身上皮
སྟོང་གསུམ་ཁེངས་པའི་གཡང་གཞིའི་སྟེང་༔ ཤ་རུས་གཅལ་དུ་བཀྲམ་པ་ལ༔
能铺三界之皮上 骨肉零散状陈设
འདྲེ་གདོན་ཟས་ལ་གདུང་བའི་མོད༔ ཁྲོས་མས་གཡང་བཞི་འུབ་ཀྱིས་དྲིལ༔
鬼魔于食贪爱时 忿母刹那将皮卷
སྦྲུལ་དང་རྒྱུ་མའི་ཞགས་པས་བསྡམས༔ ཀླད་ལ་བསྐོར་ཞིང་བརྡབས་པ་ཡིས༔
蛇及肠之绳索绑 顶上摇晃而摔故
ཤ་མྱག་རུས་མྱོག་དག་ཏུ་སོང་༔ སྤྲུལ་པའི་གཅན་གཟན་དུ་མ་ཡིས༔
骨肉悉皆被挤扁 化身众多猛兽临
ལྷག་མ་མེད་པར་ཟོས་པར་བསམ༔ དབྱིངས་རིག་བསྲེས་ཏེ་མཉམ་པར་གཞག༔
无有剩余啖尽观 法性本明融等住
དེས་ནི་ཚར་ཚད་ངེས་འབྱུང་ཞིང་༔ འདྲེ་གདོན་གདུག་པ་ཚར་ཆོད་འགྱུར༔
证验因彼定生起 残暴鬼魔可降伏
ཀུན་ལ་གཅེས་འཛིན་བློ་སྤངས་ཏེ༔ ལྟ་བའི་གདེང་གིས་ཟིན་པ་གཅེས༔
悉皆断除爱执而 具见把握尤为要
དེ་ཚེ་ཚར་ཚད་འདྲ་བའི་ལྷོངས༔ ལྷོངས་ཚད་འདྲ་བའི་ཚར་ཚད་དང་༔
此刻证验般神变 如神变般之证验
གཉིས་ཀ་འདྲ་བའི་འདྲེས་མ་དང་༔ འདྲེས་མ་འདྲ་བའི་བག་ཆགས་དང་༔
二种一般混杂及 混杂一般之习气
ཚར་ལྷོངས་གཉིས་ཀ་མཐར་ཕྱིན་གྱི༔ རྟགས་རྣམས་ཉམས་དང་སྦྱར་ཏེ་སྤྱོད༔
证验神变臻究竟 诸征兆依体验行
དོན་ལ་བདག་མེད་ཀུན་བཟང་མོ༔ ཡུམ་ཆེན་ཤེས་རབ་ཕར་ཕྱིན་མའི༔
实际无我普贤母 大般若母之密意
དགོངས་པ་ཀློང་དུ་གྱུར་ཙ་ན༔ གཅོད་ཡུལ་ལམ་དུ་ལོངས་པའོ༔ ས་མ་ཡ༔
设若臻于究竟上 乃是断境转为道 萨玛雅
རྗེས་ལ་བསྔོ་སྨོན་བྱ་བ་ནི༔
后行回向发愿为:
ཕཊ༔ཕཊ༔ཨཱཿ དགེ་དང་མི་དགེའི་རྟོག་ཚོགས་རང་གྲོལ་ལ༔ རེ་དང་དོགས་པའི་མཚན་མ་མི་དམིགས་ཀྱང༔
呸呸啊 善恶诸念自然而解 脱 虽无希冀疑虑之执著
སྣང་ཆའི་རྟེན་འབྲེལ་བསླུ་མེད་དགེ་ཚོགས་རྒྱུན༔ ཟག་མེད་ཆོས་ཀྱི་དབྱིངས་སུ་བསྔོ་བར་བྱ༔ ཕཊ༔
然而现分缘起无虚善 无漏法界之中而回向
ཀུན་རྫོབ་ལུས་ཀྱི་སྦྱིན་པ་ལ་བརྟེན་ནས༔ བསྐལ་པར་བསགས་པའི་བུ་ལོན་ལན་ཆགས་བྱང༔
依靠世俗之身而布施 长劫积累业债消除矣
དོན་དམ་ཆོས་ཀྱི་བདེན་པས་རྒྱུད་གྲོལ་ཚེ༔བདག་གི་འདུས་པ་དང་པོར་སྐྱེ་བར་ཤོག༔
以胜义法相续解脱时 愿成吾之最初之弟子
དེ་ཚེ་མ་བཅོས་རང་གཞག་གཉུག་མའི་དོན༔ མི་བསྲུན་ལྷ་འདྲེའི་རྒྱུད་ལ་སྐྱེས་ནས་ཀྱང་༔
尔时坦然安住本性义 凶暴神鬼相续生起而
ངར་འཛིན་འཁྲུལ་པའི་རྗེས་སུ་མི་འབྲང་བར༔ བྱམས་དང་སྙིང་རྗེས་ཤེས་རྒྱུད་བརླན་པར་ཤོག༔
且不跟随我执之迷乱 愿心相续慈与悲浸润
བདག་ཀྱང་བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནས༔ སྐྱིད་སྡུག་རོ་སྙོམས་འཁོར་འདས་ཆོས་སྐུར་འབྱོངས༔
吾亦行持禁行至究竟 苦乐等味轮涅证法身
ཕྱོགས་ལས་རྣམ་རྒྱལ་འབྲེལ་ཚད་དོན་ལྡན་གྱིས༔ ཕྲིན་ལས་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོག༔
尊胜诸方结缘皆具益 圆满事业虹身愿成就
ཅེས་བརྗོད་ལྟ་བའི་ངང་མདངས་བསྐྱངས༔ སྙིང་རྗེ་ཆེན་པོའི་རྩིས་ཟིན་པས༔
念而护持见 以大悲摄持
བདེ་སྡུག་གཏོང་ལེན་དམིགས་པ་དང༔ བདག་གི་བདེ་བ་ལྷ་འདྲེར་བཏང་༔
苦乐取受观 我乐施神鬼
ལྷ་འདྲེའི་སྡུག་བསྔལ་རང་གིས་བླང༔ ཆོས་ཀྱི་སྦྱིན་པ་རྣམ་དག་བྱ༔
神鬼苦自受 行清净法施
འབྲེལ་ཐོགས་བཟང་ངན་ཐར་ལམ་འགོད༔ ས་མ་ཡ༔ མ་མ་ཀོ་ལིང་ས་མནྟ༔
结缘置解脱 萨玛雅玛玛果令萨曼达
[1] ཕྱི་རྐྱེན་འབྱུང་བ་དང་གཅན་གཟན་མི་རྒོད་སོགས་དང་ཆགས་སྡང་གི་རྣམ་རྟོག་སོགས།有碍魔:外缘四大猛兽猩猩等贪嗔分别念。
[2] ནང་རྐྱེན་དགའ་སྡུག་སེམས་ཚིག་པ་སོགས།无碍魔:内缘苦乐气愤等。
[3] རང་མང་བདེ་སྐྱིད་མངོན་རློམ་སོགས།欢喜魔:自满与幸福自喜等。
[4] ཐེ་ཚོམ་དང་ཁུ་འཕྲིག་ལ་སོགས།傲慢魔:疑惑与顾虑等。
补文:
ཕཊ༔ སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད།།
呸 无可言思般若度 不生不灭虚空体
སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ཀྱི་བཀྲ་ཤིས་ཤོག།
各别自证智行境 三世佛母愿吉祥
ཆོས་སྦྱིན་ནི།
法施为
རང་ཉིད་ཁྲོས་མར་གནས་གྱུར་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་རི་རབ་ཙམ་དུ་གྱུར་བའི་མདུན་དུ་ལྷ་འདྲེ་འབྱུང་པོ་གནོད་བྱེད་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ནས་ཆོས་ཉན་པར་བསམ།
自身忿母观为山王般出有坏释迦牟尼佛,于其座前神鬼魔之作害悉皆来临,合掌闻法想。
ཕཊ། སྦྱིན་པ་རྒྱ་ཆེན་གྱུར་བ་འདི་ཡི་མཐུས། །འགྲོ་བ་རྣམས་ནི་རང་བྱུང་སངས་རྒྱས་རྒྱུ།།
呸 以此广大布施力 愿诸众生自成佛
སྔོན་ཚེ་རྒྱལ་བ་རྣམས་ཀྱིས་མ་གྲོལ་བའི། །སྐྱེ་དགུའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག།
往昔如来未度者 由此供施愿解脱
ཕཊ། ན་མོ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས།།
呸 那摩 诸法从缘起 如来说是因
རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས།།
彼法因缘尽 是大沙门说
ཕཊ། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །
呸 诸恶莫作 众善奉行
རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན།
自净其意 是诸佛教
ཕཊ། ན་མོ། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ།།
呸 那摩 资粮加行道 见道与修道
བར་ཆད་མེད་པའི་ལམ་བགྲོད་ནས། །མ་ཡུམ་ཆེན་གོ་འཕང་མྱུར་ཐོབ་ཤོག།
无见道跻已 愿证般若果
ཕཊ། ཕོ་གདོན་རྒྱལ་པོས་ཆོས་སྐུ་ཐོབ་པར་ཤོག །མོ་གདོན་བསེན་མོས་ལོངས་སྐུ་ཐོབ་པར་ཤོག།
呸 愿男鬼证得法身;愿女鬼证得报身;
བདག་འཛིན་ལྷ་འདྲེས་སྤྲུལ་སྐུ་ཐོབ་པར་ཤོག །ཁམས་གསུམ་རིགས་དྲུག་སྐུ་གསུམ་ཐོབ་པར་ཤོག།
愿我执神鬼证得化身;愿三界六趣证得三身。
ཕཊ། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་།།
呸 所有部多愿集此 或居地上或住空
སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག།
于诸众生常行慈 愿于昼夜勤行法
ཕཊ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད།།
呸 无可言思般若度 不生不灭虚空体
སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད།
各别自证智行境 三世佛母我敬礼
ག་ཏེ་བཟླ། རྐང་ལྔ་འབུད།
爹雅塔 嗡 嘎爹嘎爹 巴 嘎爹 巴 桑嘎爹 波德 梭哈 (念心咒吹五次号.)
ཕཊ། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ། མ་བརྒྱུད་ཤེས་རབ་ཀྱི་བརྒྱུད་པ། སྲས་བརྒྱུད་ཉམས་ལེན་གྱི་བརྒྱུད་པ། གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། དུག་གསུམ་རང་སར་ཞི་བར་བྱིན་གྱིས་རློབས། ནད་རླུང་དང་མཁྲིས་པ་བད་ཀན་གསུམ། ནད་གསུམ་རང་སར་ཞི་བར་བྱིན་གྱིས་རློབས། གདོན་ཕོ་གདོན་མོ་གདོན་ཀླུ་གདོན་གསུམ། གདོན་གསུམ་རང་སར་ཞི་བར་བྱིན་གྱིས་རློབས། ཉག་ཅིག་རྩད་ནས་ཆོད་པར་བྱིན་གྱིས་རློབས། ཕུང་པོ་ཟན་དུ་སྐྱུར་བར་བྱིན་གྱིས་རློབས། གཟན་སྐྱུར་ལམ་དུ་ལོངས་པར་བྱིན་གྱིས་རློབས། གནས་ལུགས་རང་ངོ་ཤེས་པར་བྱིན་གྱིས་རློབས། ནད་མེད་ལང་ཚོ་རྒྱས་པར་བྱིན་གྱིས་རློབས། འཆི་མེད་རིག་འཛིན་འགྲུབ་པར་བྱིན་གྱིས་རློབས། ཚེ་འདི་ཉིད་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་ཐོབ་པར་མཛད་དུ་གསོལ།
呸父续方便传承、母续智慧传承、断法传承诸上师赐加持;由于贪嗔痴,三毒自解赐加持;虚寒热症,三疾自解赐加持;男女鬼及龙鬼,三鬼自解赐加持;彻证空性赐加持;堪施蕴体赐加持;布施转道赐加持;证悟实相赐加持;无疾美严赐加持;成就无死持明赐加持;此生速获胜共悉地赐加持。
ཌལ་དལ་གཅོད་བྱ། 停鼓,
ཕཊ༔ བདག་གཞན་རྣམས་ཀྱིས་ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་ཁར་རེག་པ་ཙམ་དང་། དྲི་ཚོར་བ་ཙམ་གྱིས། ན་བར་ཕན། ཤི་བ་སོས། རྒས་པ་དར། ཕོ་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག མོ་ཐམས་ཅད་འཕགས་མ་རྗེ་བཙུན་སྒྲོལ་མའི་གོ་འཕང་ཐོབ་པར་གྱུར་ཅིག སྒྲར་གྲག་ཚད་ཐམས་ཅད་གཟུགས་སྔགས་ཡི་གེ་དྲུག་མའི་ཆོས་སྒྲར་འགྱུར་བར་ཤོག་ཅིག ཨོཾ་མ་ཎི་པདྨ་ཧཱུྃ་ཧྲཱིཿ གྲངས་མང་བཟླ།
呸吾等血肉布施,啖、嗅之缘故,愿病者康复;死者复活;老者年轻;愿男子悉获观世音果位;愿女子悉获度母果位;愿所有音声悉成六字真言。
嗡嘛呢呗美吽(尽力念)
ཕཊ་ཕཊ་ཕཊ། ལན་ཆགས་གདོན་བགེགས་དང་རིགས་དྲུག་སྙིང་རྗེའི་མགྲོན་ཐམས་ཅད་མགྲོན་པོ་རང་ཁྱིམ་དུ་ལོག་པ་ལྟར་རང་རང་གི་གནས་སུ་སོང་བར་གྱུར། ཕཊ་ཕཊ།
呸呸呸,大悲宾客——冤亲债主魔鬼及六趣,悉如宾客归家请返回。呸呸呸
འབྱུང་པོ་ས་འོག་རྒྱུ་བ་དང། །གང་ཡང་ས་སྟེང་འཁོད་པ་དང་།།
地下所行诸部多 并于地上所居者ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ།།
空中所行亦皆然 满足而于己方所ཐམས་ཅད་ཐ་དད་འགྲོ་བ་གྱིས། །སརྦ་བྷུཏ་གཙྪ།
一切部多各自归
萨儿瓦 布达 该擦 (诵一遍,弹指一下)
གཅོད་ཡུལ་ཉམས་སུ་ལེན་བའི་གང་ཟག་ལ། །རང་སེམས་བདུད་དུ་མི་ལྟ་ཞིང་།།
修持断境者 勿自心作魔
སྙེམས་རྟོག་མ་ལུས་ཆོད་པར་ཤོག །བཟང་པོའི་ཡོན་ཏན་ཅི་བྱུང་ཡང་།།
愿断诸傲慢 无论具何德
དེ་ལ་རློམས་སེམས་མེད་པར་ཤོག །ངན་པའི་རྣམ་རྟོག་ཅི་ཤར་ཡང་།།
愿对彼无执 恶念如何生
དེ་ལ་སྙེམས་རྟོག་མེད་པར་ཤོག །དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི།།
亦愿无厌执 此断魔正法
མཁའ་ལ་ཉི་མ་ཤར་བ་ལྟར། །ཕྱོགས་རྣམས་ཀུན་ཏུ་ཁྱབ་པར་ཤོག།
愿如虚空日 普照诸方所
[1] ཕྱི་རྐྱེན་འབྱུང་བ་དང་གཅན་གཟན་མི་རྒོད་སོགས་དང་ཆགས་སྡང་གི་རྣམ་རྟོག་སོགས།
有碍魔:外缘四大猛兽猩猩等贪嗔分别念。
[2] ནང་རྐྱེན་དགའ་སྡུག་སེམས་ཚིག་པ་སོགས།无碍魔:内缘苦乐气愤等。
[3] རང་མཐོང་བདེ་སྐྱིད་མངོན་རློམ་སོགས།欢喜魔:自满与幸福自喜等。
[4] ཐེ་ཚོམ་དང་ཁུ་འཕྲིག་ལ་སོགས།傲慢魔:疑惑与顾虑等。
༈ ཕ་དམ་པ་སངས་རྒྱས་ཀྱིས་མཛད་པའི་སྨོན་ལམ་སུམ་ཅུ་པ།།
帕当巴所造三十愿文
བདག་གཞན་རྣམས་ཀྱི་རྒྱུད་ལ་བརྒྱུད་ལྡན་བླ་མའི་བྱིན་རླབས་འཇུག་པར་གྱུར་ཅིག
祈愿自他一切相续中 具有传承上师加持入
དོན་གྱི་ངོ་སྤྲོད་གནད་དུ་ཆུད་པར་གྱུར་ཅིག རྟོགས་པ་ཇི་ལྟ་བ་བཞིན་དུ་རྒྱུད་ལ་སྐྱེ་བར་གྱུར་ཅིག
祈愿直指心要能晓悟 祈愿证验相续如是生
སྟོབས་བཅུ་མི་འཇིགས་ལུང་བསྟན་ཐོབ་པར་གྱུར་ཅིག ལྟར་སྣང་འགྲིབ་ཅིང་རྟེན་འབྲེལ་འཆར་བར་གྱུར་ཅིག
愿获十力无畏与授记 祈愿俗谛消失胜谛生
འགྲོ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་ནུས་པར་གྱུར་ཅིག ས་ལམ་གདན་ཐོག་གཅིག་ཏུ་བགྲོད་ནུས་པར་གྱུར་ཅིག
愿将众生置于熟解道 祈愿一垫地道获顿超
ཤེས་རབ་ཀྱི་སྤྱན་གྱིས་ཆོས་ཉིད་ཀྱི་བདེན་པ་མཐོང་བར་གྱུར་ཅིག ཡོན་ཏན་ལོ་འདབ་བཞིན་དུ་རྒྱས་པར་གྱུར་ཅིག
祈愿智眼现见法性谛 祈愿功德树叶般茂盛
འབྲས་བུ་དཔག་བསམ་བཞིན་དུ་སྨིན་པར་གྱུར་ཅིག མོས་གུས་རི་རབ་བཞིན་དུ་བརྟན་པར་གྱུར་ཅིག
祈愿如意树般硕果熟 祈愿信心如山王坚固
ངེས་པའི་ཤེས་པ་ཐེ་ཚོམ་དང་བྲལ་བར་གྱུར་ཅིག ལས་ཀྱི་འཕྲོ་སད་ནས་སྨོན་ལམ་རྣམ་པར་དག་པར་གྱུར་ཅིག
祈愿定解远离于迷惑 祈愿宿缘接续愿力净
གོ་ཆའི་འཇིག་རྟེན་གྱི་དྲི་མ་དག་པར་གྱུར་ཅིག སྒྲུབ་པ་ལ་བར་ཆད་མེད་ཅིང་དཀའ་ཐུབ་བཙལ་བར་གྱུར་ཅིག
祈愿清净世间之垢染 祈愿修法无障堪苦修
རྩ་རླུང་ཐིག་ལེ་ལས་སུ་རུང་བར་གྱུར་ཅིག རྟག་ཏུ་བསམ་པ་རྣམ་པར་དག་པར་གྱུར་ཅིག
祈愿堪修脉风与明点 祈愿意乐时常得清净
བྱང་སེམས་ལ་ཉམས་པ་མེད་པར་གྱུར་ཅིག ཆོས་ཐེག་ཆེན་གྱི་ལྟ་སྒོམ་ཉམས་སུ་མྱོང་བར་གྱུར་ཅིག
祈愿菩提之心不退转 祈愿体验大乘之见禅
གཉིས་སྣང་གི་ཤེས་པ་རང་སར་གྲོལ་བར་གྱུར་ཅིག རིགས་ཁྱད་པ་ཅན་དུ་སྐྱེ་བར་གྱུར་ཅིག
祈愿二执自然而解脱 祈愿投生殊胜之家族
བརྒྱུད་ལྡན་བླ་མས་རྗེས་སུ་འཛིན་པར་གྱུར་ཅིག ལས་ཀྱི་མཐའ་མི་ལོག་པར་གྱུར་ཅིག
祈愿具有传承师摄受 祈愿业际不错乱颠倒
ཤེས་རབ་གསུམ་ལ་བློ་སྦྱོང་བར་གྱུར་ཅིག དབང་གི་བྱིན་རླབས་འཇུག་པར་གྱུར་ཅིག
祈愿修持三慧悉娴熟 祈愿获得灌顶之加持
བདེ་བ་རྡོ་རྗེ་ལྟ་བུར་ཐོབ་པར་གྱུར་ཅིག རྣམ་ཤེས་རྩ་རླུང་ལ་རང་དབང་ཐོབ་པར་གྱུར་ཅིག
祈愿获得金刚般大乐 祈愿心识脉风获自在
རང་ལུས་གཟུགས་སྐུ་འགྲུབ་པར་གྱུར་ཅིག ཆོས་སྐུ་མངོན་སུམ་དུ་རྟོགས་པར་གྱུར་ཅིག
祈愿自身能成就色身 祈愿现世即证得法身
སྤྲུལ་སྐུ་ཕྲིན་ལས་ཀྱི་གཞན་དོན་མཐར་ཕྱིན་པར་གྱུར་ཅིག
愿化身业利他臻究竟
དགེའོ།། 善哉!
ཀུན་བཟང་སྣང་མཐའ་པད་འབྱུང་མན་ཆད་དང་། །དྲིན་ཆེན་རྩ་བའི་བླ་མ་ཡན་ཆོད་ཀྱིས།
普贤无量莲生下 大恩根本上师上
འགྲོ་བའི་དོན་དུ་སྨོན་ལམ་གང་བཏབས་པ། །དེ་དག་ཐམས་ཅད་དེང་འདིར་འགྲུབ་པར་ཤོག།
为诸众生所发愿 彼等悉愿此世成
འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ།།
文殊勇识及所知 普贤菩萨亦如是
དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།།
我随修学如彼行 此等善根悉回向
དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་ལྟར།།
一切三世诸如来 于所回向赞叹故
བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི།།
我之一切诸善根 为修普贤行回向
ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རངས་བསྐུལ་ཞིང་གསོལ་བ་ཡི།།
顶礼供养及忏悔 随喜转轮祈住世
དགེ་བ་ཅང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ།།
我所积集微许善 皆为菩提而回向
འདིས་མཚོན་དུས་གསུམ་བསགས་པའི་དགེ་རྩ་ཀུན༔ དྲན་རིག་ཟག་པ་མེད་པའི་ཡེ་ཤེས་ཀྱིས༔
此善为主三世善 无漏正念本明智
འཁོར་གསུམ་ཡང་དག་ཆེན་པོར་རྒྱས་བཏབ་ནས༔ གནས་ལུགས་རྫོགས་པ་ཆེན་པོའི་ཀློང་དུ་ཨ༔
大三轮净中印持 实相大圆界中啊དལ་ཅིག་མཉམ་པར་བཞག་ལ། 少许安住,
ཨཱཿ ཕྱི་སྣོད་ཐམས་ཅད་ཟངས་མདོག་དཔལ་རིའི་ཞིང་། །ནང་བཅུད་སེམས་ཅན་རིག་འཛིན་མཁའ་འགྲོའི་ཚོགས།།
啊 一切外器铜色德山刹 内情众生持明空行众
སྒྲ་གྲགས་ཐམས་ཅད་བཛྲ་གུ་རུའི་སྒྲ། །དྲན་རྟོགས་རང་གྲོལ་ངང་ནས་འཛབ་དབྱངས་སྒྲོགས།།
诸有声语班匝格日声 思维自解境中诵咒歌
ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂ༔
སིདྡྷིའི་འཛབ་དབྱངས་དང་བཅས་ཐུན་གྲོལ།།
嗡啊吽班咂儿格日白玛斯德吽 咒歌中解散