2026年6月3日 星期三

修习笔记 | 佛 陀 十 二 行 谊 礼 赞 文

修习笔记 | 佛 陀 十 二 行 谊 礼 赞 文

迁徙Tibet




ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས།།
善巧慈悲生于释迦族
གཞན་གྱི་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ།།
能摧他众难伏之魔军
གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ།།
威仪赫赫身似金须弥
ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ།།
 释迦之王莲足前顶礼

གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས།།
世尊当初发起菩提心
བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང་།།
直至圆满福慧二资粮
དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི།།
此时所作佛行极广大
མགོན་གྱུར་ཁྱེད་ལ་བདག་གིས་བསྟོད་པར་བགྱི།།
众生依怙尊前我诚赞

ལྷ་རྣམས་དོན་མཛད་འདུལ་བའི་དུས་མཁྱེན་ནས།།
利益诸天了知调伏机
ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཤིང་།།
犹如巨象自天而降临
རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་གྱི།།
明观种姓母摩耶夫人
ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ།།
入母腹胎尊前我顶礼

ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི།།
圆满十月怀胎释迦子
བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་པའི་ཚེ།།
吉祥蓝毗尼园诞生时
ཚངས་དང་བརྒྱ་བྱིན་གྱིས་བསྟོད་མཚན་མཆོག་ནི།།
梵天帝释咸礼彼圣相
བྱང་ཆུབ་རིགས་སུ་ངེས་མཛད་ཕྱག་འཚལ་ལོ།།
认定菩提种姓我顶礼

གཞོན་ནུ་སྟོབས་ལྡན་མི་ཡི་སེདྒེ་དེས།།
大力童子彼乃人中狮
ཨཾ་ག་མ་ག་དྷར་ནི་སྒྱུ་རྩལ་བསྟན།།
昂嗄摩竭陀国显技艺
སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས།།
调伏骄慢刚强凡夫众
འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ།།
举世无匹尊前我顶礼

འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང་།།
随顺世间诸法之行谊
ཁ་ན་མ་ཐོ་སྤང་ཕྱིར་བཙུན་མོ་ཡི།།
为断致苦之业而纳妃
འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡི།།
深明善巧方便众眷绕
རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ།།
执掌国政尊前我顶礼

འཁོར་བའི་བྱ་བ་སྙིང་པོ་མེད་གཟིགས་ནས།།
洞察轮回诸行无实义
ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང་།།
逃离王宫漫游于虚空
མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལ་ཉིད།།
清净佛塔之前迳自行
རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ།།
受持圆满戒前我顶礼

བརྩོན་པས་བྱང་ཆུབ་བསྒྲུབ་པར་དགོངས་ནས་ནི།།
发愿精进修行证菩提
ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ།།
尼连禅河河畔六年间
དཀའ་བ་སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་པས།།
难行苦行精进达彼岸
བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ།།
证获妙定尊前我顶礼

ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར།།
无始以来具义精进故
མ་ག་དྷ་ཡི་བྱང་ཆུབ་ཤིང་དྲུང་དུ།།
摩竭陀国菩提圣树下
སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས།།
不动金刚趺坐证等觉
བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ།།
圆成菩提尊前我顶礼

གཞན་གྱི་རྒོལ་བ་ངན་པ་ཚར་གཅད་ཕྱིར།།
以大悲心迅视诸众生
མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས།།
于鹿野苑等殊胜圣地
འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ།།
转妙法轮所化诸有情
ཐུབ་པ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ།།
安置三乘尊前我顶礼

ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི།།
折服彼之邪说谬论者
ཝཱ་རཱ་ཎ་སཱི་ལ་སོགས་གནས་མཆོག་ཏུ།།
外道六师提婆达多等
ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས།།
迦耶城内降服邪魔众
ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ།།
能仁胜仗尊前我顶礼

སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱིས།།
三有之中具无比功德
མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན།།
舍卫城中示现大神通
ལྷ་མི་འགྲོ་བ་ཀུན་གྱིས་བར་མཆོད་པ།།
天人一切众生咸供养
བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ།།
广传法教尊前我顶礼

ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བྱའི་ཕྱིར།།
及时策励诸有散逸故
རྩྭ་མཆོག་གྲོང་གི་ས་གཞི་གཙང་མ་རུ།།
于拘尸城清净大地上
འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་གཤེགས་ནས།།
无死金刚之身逝他界
མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ།།
契入涅槃尊前我顶礼

ཡང་དག་ཉིད་དུ་འཇིགས་པ་མེད་ཕྱིར་དང་།།
清净法性无有毁坏故
མ་འོངས་སེམས་ཅན་བསོད་ནམས་འཐོབ་བྱའི་ཕྱིར།།
当来众生堪得福德故
དེ་ཉིད་གདུང་ལ་རིང་བསྲེལ་མང་སྤྲུལ་ནས།།
世尊化现众多舍利子
སྐུ་གདུང་ཆ་བརྒྱད་མཛད་ལ་ཕྱག་འཚལ་ལོ།།
八行佛塔尊前我顶礼


從我的iPhone傳送

沒有留言: